མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་ཡུལ་སྐོར་ཚད་ཡོད་ཀུང་སི་མཚམས་སྦྱོར།


        མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་ཡུལ་སྐོར་ཚད་ཡོད་ཀུང་སི་(QTIT)ནི་2000ལོར་བཙུགས་ཤིང་ཀུང་སིའི་སྤྱི་ཁྱབ་པུའུ་མཚོ་སྔོན་ཟི་ལིང་ན་ཡོད། ཀུང་སི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་མ་རྐང་ལམ་ལུགས་ཀྱི་དམངས་གཉེར་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཐོག་མ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་བ་དང་ནང་སའི་མི་ཐའེ་ཝན་ལ་ཡུལ་སྐོར་འགྲོ་བར་ཆོག་མཆན་ཐོབ་པ་སྔ་ཤོས་ཡིན་པ་མ་ཟད། མཚོ་སྔོན་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྣེ་ལེན་བྱས་པ་སྔ་ཤོས་ཀྱི་ས་གནས་ཡུལ་སྐོར་སྣེ་ལེན་ཁང་ཞིག་ཀྱང་ཡིན།


        ལོ་ངོ་ཉི་ཤུ་ལྷག་གི་འཕེལ་རྒྱས་ཁྲོད་ནས་ཀུང་སིའི་ལས་སྒོ་དེ་རྒྱལ་ནང་གི་ཡུལ་སྐོར་དང་རྒྱལ་ཕྱིའི་ཡུལ་སྐོར། ཐའེ་ཝན་གྱི་ཡུལ་སྐོར། མངག་ཉོའི་ཡུལ་སྐོར། ཕྱི་འགྲིམ་ཡུལ་སྐོར། མཚོ་གླིང་ཡུལ་སྐོར། ཡུལ་སྐོར་སྤྲོ་གསེང་། གཞུང་དོན་འགྲོ་འོང་ཞབས་ཞུ། ཚོགས་འགྲེམ་བྱེད་པ། དམིགས་བསལ་སྐྱེ་ཁམས་རོལ་མྱོང་། ཐོངས་མཆན་ཞབས་ཞུ། གནམ་གྲུའི་སྤ་སེ་དང་ཨར་ཁང་གི་ལས་ཚབ། རིག་གནས་ཡུལ་སྐོར་གྱི་ལྗོངས་ཁུལ་གསར་སྤེལ་སོགས་རིག་གནས་ཡུལ་སྐོར་དང་། ཚོགས་འདུ་ཚོགས་འགྲེམ། ཞིབ་འཇུག་གསོ་སྦྱོང་། ཁམས་གསོ་གུང་གསེང་བཅས་རིགས་ཆེན་པོ་བཞི་ཡིས་གྲུབ་པའི་ཁེ་ལས་ཤིག་ཡིན།


        ཀུང་སིར་གྲོང་ཁྱེར་གྱི་གཙོ་གནད་ཡན་ལག་ཀུང་སི་20ལྷག་ཡོད་ལ། ལོ་རེའི་ལས་གཉེར་ཡོང་འབབ་སྒོར་ཁྲི་སྟོང་ལས་བརྒལ་ཞིང་མཛད་སྤྱོད་པ་ཁྲི་བརྒྱ་ཡན་ལ་ཡུལ་སྐོར་ཞབས་ཞུ་བསྒྲུབས་པས་བསྔགས་བརྗོད་ཚད་མེད་ཐོབ། ཀུང་སི་འདིར་འཇར་ཕན་དང་། དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་ཀྱི་སྐད་དང་དེ་མིན་གྲངས་ཉུང་མི་རིགས་ཀྱི་སྐད་(བོད་སྐད་དང་སོག་སྐད)སོགས་ཤེས་པའི་ལས་བཟོ་དང་ཆེད་ལས་ཡུལ་སྐོར་སྣེ་ཤན་པའི་ཚོང་གཉེར་དཔུང་ཁག་ཡོད།


        མཐོ་སྒང་ནས་རྐང་ཚུགས་ཏེ། ། ཡིད་རྟོན་གྱིས་བྱ་གཞག་སྐྱོང་། ། ཕྱོད་ཆེ་བའི་གསར་གཏོད་ཀྱིས། ། སྤུས་རྟགས་ཀྱི་སྣང་བརྙན་བསྐྲུན། ། ཞེས་པ་ནི་མཚོ་བོད་རྒྱལ་སྤྱིའི་ཡུལ་སྐོར་ཀུང་སིའི་ནམ་ཡང་རྒྱུན་འཁྱོངས་བྱེད་བཞིན་པའི་ཚོང་གཉེར་བསམ་ཕྱོགས་ཡིན་ལ།ཀུང་སིས་མུ་མཐུད་དུ་ཡུལ་སྐོར་བའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། ལས་རིགས་འདི་ཡི་ཁེ་ལས་ཡོངས་ལ་མཉམ་འབྲེལ་བྱས་ཏེ་དུས་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་ཡིན། འཛམ་གླིང་ཡུལ་སྐོར་འགྲོ་བ་ལ། ། མཚོ་བོད་ཀུང་སིས་ཞབས་འདེགས་ཞུ། ། ཁྱེད་རང་ཡུལ་སྐོར་འགྲོ་བསམ་ན། ། རྒྱལ་སྤྱིའི་ཀུང་སི་འདི་རུ་ཤོག །